Essay Contest to Mark the 31st Nobel Peace Prize Day (Winner – Age 18+ Category)

BY IN Publications & Artcles NO COMMENTS YET

  ༄།།ནོསྦེལ་ཞི་བདེའི་གཟེངས་རྟགས་༧གོང་ས་མཆོག་ལ་འབུལ་བཞེས་མཛད་པ་དེས་བོད་རྩ་དོན་ལ་གལ་གནད་གང་འདྲ་བྱུང་ཡོད་དམ།།   བསྟན་འཛིན་དགའ་བ་ནས་བྲིས།   གང་གིས་ཐུགས་སྐྱེས་དམ་ཆོས་ཟབ་མོ་འདི། མ་གྱུར་འགྲོ་ལ་བུ་ལྟར་བརྩེ་བས་སྐྱོང་། ཁྱེང་ཀྱིས་སྙིང་རྗེ་འབོད་སྒྲ་འཛམ་གླིང་ལ། ཡོངས་ཁྱབ་བསྒྲགས་ནས་ནོ་སྦེལ་གཟེངས་རྟགས་བཞེས།།   འགྲོ་བའི་མགོན་པོ་ཕྱག་ན་པདྨོ་ཉིད། བསམ་བཞིན་སྲིད་པ་མི་ཡི་ཡུལ་དུ་བྱོན། བསོད་ནམས་ལྡན་པའི་གངས་ཅན་ཡུལ་དུ་འཁྲུངས།།  གསོལ་བ་འདེབས་སོ་ཁྱེད་ལ་སྐྱབས་སུ་མཆིས།། །།   ཞེས་པ་གུས་ཕྱག་སྔོན་དུ་བཏང་ནས་གངས་ཅན་འགྲོ་བའི་མགོན་པོ་མཆོག་ལ་འཛམ་གླིང་ནང་ནས་བྱ་དགའ་ཁྱད་དུ་འཕགས་པ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་ཉིན་མོ་ཕྱི་ལོ་༡༩༨༩ལོར་༧གོང་ས་མཆོག་ལ་འབུལ་བཞེས་མཛད་པ་ནས་བཟུང་བོད་མི་རྣམས་དགའ་སྤྲོ་དཔག་མེད་བྱུང་བའི་ཉིན་མོ་ཡིན་པ་མ་ཟད་འཛམ་གླིང་ནང་༧རྒྱལ་བའི་མཚན་ཡོངས་གྲགས་ཁྱབ་པ་དུས་དེ་ནས་བཟུང་བོད་པའི་རྩ་དོན་ཐོག་གླེང་བ་དང་ཁྱབ་བསྒྲགས་ཆེན་པོ་བྱུང་བ་ཡིན།༧གོང་ས་མཆོག་གིས་མཚན་ཐོས་པ་དེ་མ་ཐག་བོད་པ་ཞེས་པའི་མིང་དེའང་དར་ཁྱབ་ཧ་ལས་པ་ཆགས།༧སྤྱན་རས་གཟིགས་ཀྱི་སེམས་ཅན་མགོན་མེད་སྐྱབས་མེད་པ་རྣམས་ལ་ཉེ་རིང་མེད་པར་འཛམ་གླིང་སྐྱེ་འགྲོ་ཀུན་ལ་དམ་ཆོས་གསུང་པ་དང་བྱམས་བརྩེས་བཀའ་སློབ་རྣ་བར་ཐོས་པ་ལ་རྟེན་ནས་ཉིན་རེ་བཞིན་བོད་པའི་མིང་ཤེས་པ་དང་སྐད་དང་རིགས་གཞུང་ལ་དོ་སྣང་བྱེད་མཁན་མང་པོར་བྱོན་པ་འདི་དག་ཐམས་ཅད་༧གོང་ས་མཆོག་གི་ཐུགས་རྗེ་ཉག་ཅིག་ལ་ཡིན།ད་ང་ཚོས་གང་བྱེད་དགོས་ཟེར་ན་ད་ཆ་ང་རང་ལ་དཔེ་བླང་ནས་རང་ཡུལ་བྲལ་ནས་མི་ལོ་༦༠ ལྷག་ཙམ་ཕྱིན་པ་འདི་རྒྱ་མི་ཀླ་ཀློས་བཙན་གནོན་གྱིས་འཕྲོག་པར་བསམ་ནས་ཉིན་ནས་ཉིན་བར་སོ་སོའི་བོད་ཀྱིས་རྩ་དོན་ལ་བརྩོན་པ་དང་གཞན་ལའང་སྐུལ་མ་ཡང་་ནས་ཡང་དུ་བྱས་ན་ཉིན་ཅིག་ང་ཚོས་བདེན་མཐའ་མངོན་པར་གསལ་བ་ཡིན།ང་རང་ཚོས་ལུང་པ་དང་སྐད་ཡིག་གི་ཐོག་ལ་རྒྱལ་ཁབ་གཞན་གྱིས་མི་རིགས་ལ་ངོ་སྤྲོད་བྱེད་ཡ་དང་འགྲེལ་བཤད་རྒྱབ་ཡ་དེ་ཧ་ཅང་གིས་གལ་ཆེ་བས་མི་རེ་ངོ་རེ་ནས་འགན་ཁུར་བ་ཡིན་ན་ཉིན་ཅིག་ང་ཚོས་བདེན་མཐའ་སེལ་ཐུབ་པ་ཡིན་པས་ཚང་མས་དེ་ལྟར་བྱས་ན་གལ་གནད་ཆེ་བས་རྩ་དོན་ནི་འདི་རང་མཐོང་།ང་ཚོ་ལ་ད་ཆ་བླ་མ་བཟང་པོ་ཡོད་པའི་དུས་སྐབས་འདིར་བྱེས་ལ་ཡོད་པའི་བོད་མི་ཚང་མ་བློ་སེམས་གཅིག་ཏུ་བོད་ཀྱིས་རྩ་དོན་ཐོག་འབད་བརྩོན་ཤུགས་ཆེར་བྱས་ན་ང་ཚོ་གཞིས་བྱེས་མཉམ་འཛོམས་ཡོང་བ་དང་༧གོང་ས་མཆོག་གིས་དགོངས་པ་བསྒྲུབ་པ་དང་རྩ་དོན་ཡང་དེ་ཡིན།ང་ཚོ་རིང་པོར་མ་ལུས་པར་ལོ་བཅུ་འམ་བཅོ་ལྔ་ནང་ཚུད་ལ་བོད་ལ་ལོག་འགྲོ།༧གོང་ས་མཆོག་སྐུ་ན་གཞོན་ནུས་དུས་ནས་ད་ཆ་དགུང་གྲངས་༨༥ལྷག་ཙམ་བོད་རྩ་དོན་ཐོག་ཤུགས་རྒྱབ་ཡོད།ད་ང་ཚོ་ཚང་མ་བློ་རྩེ་ཅིག་ཏུ་བསྒྲིམས་ནས་བོད་དོན་ཐོག་ཤུགས་གནོན་བརྒྱབ་ན་ངེས་པར་དུ་བདེན་མཐའ་གསལ་ཐུབ་པའི་བོད་མི་ཚང་མ་ད་ནས་བཟུང་སེམས་ཤུགས་འཕར་མ་ཞིག་སྐྱེས་ནས་ཐ་མ་ང་ཚོ་ཚང་མ་བོད་ལ་ལོག་འགྲོ་།བོད་ལ་ལོག་འགྲོ་།བོད་མི་རྣམས་།ང་ཚོས་ཕ་ཡུལ་ཕྱི་ལ་མིན།ང་ཚོས་ཕ་ཡུལ་བོད་ལ་ཡིན།། །། ང་ཚོས་བླ་མ་བསྟན་འཛིན་རྒྱ་མཚོ་མཆོག ཁོང་གི་་ཞལ་རས་ཡིད་འཕྲོག་བྱེད་འདོད་ན། ང་ཚོས་མང་ཙམ་མང་ཙམ་བོད་དོན་གླེང་། ཉིན་ཐ་མར་ང་ཚོ་་བོད་ལ་ལོག་འགྲོ།། །།  

Essay Contest and Drawing to Mark the 31st Nobel Peace Prize Day

BY IN Publications & Artcles NO COMMENTS YET

དབྱིིན་ཡུལ་ནང་བཞུགས་པའི་བོད་རིགས་ཚོའི་ཆེད་དུ་འདི་ག་དབྱིན་ཡུལ་བོད་རིགས་ཚོགས་པས་ཡོང་བཞིན་པའི་སྤྱི་ནོར་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོེ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༡ འཁོར་བའི་དུས་དྲན་སྲུང་བརྩི་གང་ལེགས་ཞུ་སླད་ལས་གཞི་གང་མང་ཞིག་ལ་བསམ་བཞིགས་ནན་པོ་བྱས་རུང་།  ད་སྐབས་རྒྱལ་ཁབ་ནང་ཏོག་དབྱིབས་ནད་ཡམས་ཀྱི་གནས་སྟངས་ཛ་དྲག་ཅན་ཏུ་གྱུར་བ་དང་།  དེ་ལ་བརྟེན་ནས་གཞུང་གི་ལམ་སྟོན་བཀོད་ཁྱབས་མང་པོ་སྲུང་བརྩི་བྱེད་དགོས་པ་ཀུན་གྱིས་མཁྱེན་གསལ་རེད།  ལམ་སྟོན་དེ་དག་གིས་རྐྱེན་པས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་སྔར་རྒྱུན་བཞིན་ང་ཚོ་མཉམ་འཛོམས་ཀྱིས་སྲུང་བརྩི་ཞུ་ཐབས་བྲལ་བ་གསལ་པོ་ཆགས་ཡོད།  འོན་ཀྱང་།  བོད་མི་རྣམས་ལ་མཚོན་ན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཉིན་མོ་སྲུང་བརྩི་ཞུ་རྒྱུ་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཡོད།  དེར་བརྟེན་དབྱིན་ཡུལ་བོད་རིགས་ཚོགས་པས་གནས་སྟངས་ལ་བཞིགས་པའི་ཉིན་མོ་སྲུང་བརྩི་ཞུ་བའི་ལས་འགུལ་མི་ཉུང་བ་ཞིག་གོ་སྒྲིག་ཞུས་ཡོད། སྐབས་སུ་བབས་པ་ལས་འགུལ་གཉིས་ལ་གསལ་བསྒྲགས་ཞུ་རྒྱུ་ཡིན། དང་པོ།   ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཉིན་མོ་སྲུང་བརྩིའི་རྩོམ་ཡིག་འགྲན་བསྡུར། རྩོམ་ཡིག་འགྲན་བསྡུར་ལ་བརྗོད་གཞི་གཉིས་ཡོད།  བྱ་དགའ་ཡང་གྱ་ནོམ་པ་ཡོད།  འཛུལ་བཞུགས་ཀྱི་གནས་ཚུལ་རྒྱས་པ་གཤམ་ལ་ལྷན་སྦྱར་བྱས་པའི་གསལ་བསྒྲགས་པར་གཞི་ལ་གཟིགས་རོགས།  དབྱིན་ཡུལ་ནང་ཡོད་པའི་བོད་མི་ཡོད་དོ་ཅོག་གིས་ནོ་སྦེལ་ཞི་བདེའི་ཉིན་མོ་སྲུང་བརྩི་མཚོན་ཆེད་འཛུལ་བཞུགས་གང་མང་ཡོང་བའི་རེ་བ་ཞུ། གཉིས་པ།  ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཉིན་མོ་སྲུང་བརྩིའི་རི་མོ། ཕྲུ་གུ་ཆུང་བ་ཚོར་ཆེད་དུ་དམིགས་ནས་རི་མོ་འབྲི་བའི་ལས་གཞི་ཞིག་གོ་སྒྲིག་བྱས་ཡོད།  རི་མོ་དེ་བརྗོད་གཞི་གཉིས་ཐོག་བྲི་དགོས།  རི་མོ་རྣམས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཉིན་བོད་རིགས་ཚོགས་པའི་སྤྱི་ཚོགས་དྲཱ་རྒྱའི་སྟེང་ལ་འགྲེམས་སྤེལ་བྱེད་རྒྱུ་ཡིན།  ཕ་མ་རྣམས་ཀྱིས་རང་ཉིད་ཕྲུ་གུ་རི་མོ་འབྲི་བའི་ལས་འགུལ་ནང་བཞུགས་པའི་སློབ་སྟོན་ཡོད་པ་ཞུ།  གནས་ཚུལ་རྒྱས་པ་གཤམ་ལ་ལྷན་སྦྱར་བྱས་པའི་པར་ལ་གཟིགས་རོགས། དུས་དྲན་ཐེངས་ ༣༡ ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཉིན་མོ་སྲུང་བརྩིའི་ལས་རིམ་རྒྱས་པ་རྗེས་མར་གསལ་བསྒྲགས་ཞུས་ཆོག །  To all the Tibetans in the UK, Although the TCB board members have thought of a number of events for the celebration of the

CONTINUE READING …