Tibetan Community in Britain: Extraordinary General Meeting (EGM) on Saturday 6th August 2016 from 2 to 4.30pm

BY IN Publications & Artcles Comments Off on Tibetan Community in Britain: Extraordinary General Meeting (EGM) on Saturday 6th August 2016 from 2 to 4.30pm

Very important announcement from Tibetan Community in Britain: Extraordinary General Meeting (EGM) on Saturday 6th August 2016 from 2 to 4.30pm 20th July 2016 Event: Extraordinary General Meeting (EGM) Date:

CONTINUE READING …

༧གོང་ས་མཆོག་གི་བརྟན་བཞུགས་དང་བཀའ་ཁྲིད་གསུང་ཆོས་ཀྱི་གསལ་བསྒྲགས།

BY IN Publications & Artcles Comments Off on ༧གོང་ས་མཆོག་གི་བརྟན་བཞུགས་དང་བཀའ་ཁྲིད་གསུང་ཆོས་ཀྱི་གསལ་བསྒྲགས།

གསལ་བསྒྲགས། ༄༅།། སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་སྒྲིག་ཁོངས་མི་མང་ཡོངས་ཀྱི་སྙན་ལམ་དུ། དགའ་སེམས་ཁོལ་བའི་ངང་ཞུ་སྙིང་། ལྷར་བཅས་སྲིད་ཞིའི་གཙུག་རྒྱན།ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་བྱམས་བརྩེའི་གཏེར་ཆེན་འཛམ་གླིང་ཞི་བདེའི་དེད་དཔོན། རང་ཅག་བོད་མི་ཡོངས་ཀྱི་འདི་ཕྱི་གཏན་གྱི་མགོན་སྐྱབས།བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག བོད་ལུགས་དགུང་གྲངས་བརྒྱད་བཅུ་གྱ་གཅིག་ལ་ཕེབས་པར། སྐུའི་གསང་གསུམ་ ལ་འགལ་རྐྱེན་ཕྲ་མོས་ཀྱང་མ་རེག་པར་སྐུ་ཚེ་བཅོམ་ལྡན་འདས་ཚེ་མཐའ་ཡས་པའི་ངོ་བོར་རྟག་ཏུ་བརྟན་ཅིང་།མཁྱེན་བརྩེའི་རླབས་ཆེན་མཛད་འཕྲིན་རིས་མེད་རྒྱལ་བསྟན་ཕྱོགས་བཅུའི་མཐའ་ཁྱབ་ཀུན་ཏུ་སྤེལ་ཞིང་།སྐྱེ་འགྲོ་ཡོངས་ལ་འཕྲལ་ཡུན་བདེ་སྐྱིད་ལྷག་པར་དར་བའི་གསོས་སུ་སྨིན་པའི་རྟེན་འབྱུང་དུ། སྤྱི་མཐུན་བསོད་ནམས་གོང་མཐོར་འཕེལ་བའི་སླད། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱིས་ཇི་ལྟར་གསོལ་བ་རྩེ་གཅིག་ཏུ་བཏབ་པ་ཞལ་བཞེས་སྐལ་བཟང་སྤྱི་སྨིན་བཞིན། ཕྱི་ལོ་༢༠༡༦ ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་སུད་སི་རྫུ་རིག་གྲོང་འཁྱེར་གྱི་ཧཱ་ལེན་སིཊ་ཌིཨོན་ ཚོགས་ཁང་ཆེན་མོའི་ནང་སྐལ་ལྡན་འདུས་པ་རྒྱ་མཚོས་དད་བརྟན་དམ་ཚིག་འགྱུར་བ་མེད་པའི་ངང་།མདོ་ལུགས་བརྟན་བཞུགས་གཟབ་རྒྱས་འདེགས་འབུལ་དང་། ས་གནས་ཆོས་ཞུ་བ་མང་ཚོགས་ལ་དབུ་མ་རིན་ཆེན་ཕྲེང་བ་དང་། རྒྱལ་སྲས་ ལག་ལེན་སོ་བདུན་མ།སྒོམ་རིམ་བར་པ་བཅས་ཀྱི་བཀའ་ཁྲིད་སྨིན་སྩོལ་གསུང་གི་བདུད་རྩིར་ལོངས་སུ་སྤྱོད་པའི་བགོ་བསྐལ་བཟང་པོ་ཐོབ་པར། དགའ་དད་དཔག་མེད་འཕེལ་བཞིན་མགོན་པོ་མཆོག་ལ་བཀྲིན་བླ་ལྷག་ཏུ་ཆེ་ཞུ་བ་དང་འབྲེལ། གོང་གསལ་དགོས་དམིགས་མངོན་འདོད་རྣམས་བདེ་བླག་ཏུ་འགྲུབ་པའི་སྨོན་འདུན་མཚམས་སྦྱོར་ཞུ་རྒྱུ་དང་། ༧གོང་ས་མཆོག་གི་བརྟན་བཞུགས་དང་བཀའ་ཁྲིད་གསུང་ཆོས་ཀྱི་གསལ་བསྒྲགས་དང་གནས་ཚུལ་རྣམས་ས་གནས་ཚོགས་ཆུང་ཁག་གི་འཐུས་མི་བརྒྱུད་ཡོང་རྒྱུ་དང་། དམིགས་གསལ་བརྟན་བཞུགས་དང་བཀའ་ཁྲིད་གསུང་ཆོས་ཆེད་ www.dalailama2016.chཞེས་པའི་དྲྭ་རྒྱ་ཞིག་དབུ་ཚུགས་ཡོད་པའི་གནས་ཚུལ་ཞིབ་ཕྲ་དྲྭ་ཐོག་གཟིགས་གནང་ ཡོང་བ་ཞུ་རྒྱུ་བཅས་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱིས་ཕྱི་ལོ་༢༠༡༦  ཟླ་༠༦ ཚེས་༠༡ ཉིན་བཟང་པོར་སྤེལ།།